JIGME TSERING (@jigmetsering) 's Twitter Profile
JIGME TSERING

@jigmetsering

ID: 110764048

linkhttps://www.facebook.com/jigme.tsering.5 calendar_today02-02-2010 17:59:23

175 Tweet

433 Followers

137 Following

རྒྱལ་བ་རིན་པོ་ཆེ། (@gyalwaringpoche) 's Twitter Profile Photo

ངོས་ཙམ་མིན་པར་ཚན་རིག་པ་དང་ཤེས་ཡོན་ཅན་མང་པོ་ཞིག་གིས་མིའི་ལུས་ཁམས་ཀྱི་འཕྲོད་བསྟེན་དང་། ཞི་བདེ་ལྡན་པའི་ཁྱིམ་ཚང་དང་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱ་རྒྱུའི་ཆེད་དུ་ནང་སེམས་ཀྱི་བཟང་པོའི་ཡོན་ཏན་ཁག་ཆོས་ལ་མ་བརྟེན་པར་དེང་རབས་ཀྱི་ཤེས་ཡོན་ལམ་སྲོལ་བརྒྱུད་ནས་དར་སྤེལ་གཏོང་བའི་འབད་བརྩོན་བྱེད་ཀྱི་ཡོད།

རྒྱལ་བ་རིན་པོ་ཆེ། (@gyalwaringpoche) 's Twitter Profile Photo

སྟབས་ཉེས་པ་ཞིག་ལ་ཆོས་ཀྱི་སྒྲིག་འཛུགས་ཁག་སྐབས་རེར་སྤྱི་ཚོགས་ལ་བཤུ་གཞོག་གཏོང་བ་དང་ཆོས་དད་ཅན་རྣམས་ལ་སྟངས་འཛིན་བཀོལ་སྤྱོད་བྱེད་མཁན་གྱི་སྒྲིག་འཛུགས་སུ་གྱུར་པའི་གནས་ཚུལ་བྱུང་ཡོད། དེར་བརྟེན་དེ་དག་ལ་ངོ་རྒོལ་བྱེད་པ་འགྲིག་གི་ཡོད།

རྒྱལ་བ་རིན་པོ་ཆེ། (@gyalwaringpoche) 's Twitter Profile Photo

ངོས་རང་ནང་པའི་དགེ་འདུན་པ་ཞིག་ཡིན་པའི་ཆ་ནས་ཆོས་ཀྱི་སྒྲིག་འཛུགས་དང་ཆོས་ཀྱི་མིང་ཐོག་ནས་སྤྱི་ཚོགས་ནང་བཤུ་གཞོག་གཏོང་མཁན་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་ལ་ངེས་པར་དུ་བྱེད་དགོས།

རྒྱལ་བ་རིན་པོ་ཆེ། (@gyalwaringpoche) 's Twitter Profile Photo

གསར་བརྗེ་བ་ཚོས་མི་མང་སྐྱོ་བོའི་ཐབ་ཐང་དང་རང་དབང་ལ་བརྩི་བཀུར་བྱས་ཏེ་མཐོ་རིམ་མི་སྣ་དང་ཆོས་ཀྱི་སྒྲིག་འཛུགས་ཁག་གིས་ཉམ་ཆུང་མི་མང་ལ་བཤུ་གཞོག་གཏོང་རྒྱུར་འགོག་རྒོལ་བྱེད་ཀྱི་ཡོད་པས་མི་དེ་དག་གིས་བསྒྲུབས་པའི་གསར་བརྗེའི་ལས་དོན་ཁག་ཞིང་བྲན་མི་མང་གི་རང་དབང་དང་ཐོབ་ཐང་ལ་སེམས་ཁུར་བྱས་པ་ཞིག་ཡིན།

རྒྱལ་བ་རིན་པོ་ཆེ། (@gyalwaringpoche) 's Twitter Profile Photo

ཐ་ན་ཁྱི་ལ་སོགས་པའི་དུད་འགྲོས་ཀྱང་ཕར་ཁོང་ཁྲོའི་རྣམ་འགྱུར་བསྟན་ན་ཚུར་རྨུག་པར་བྱེད་ཀྱང་ཕར་བྱམས་བརྩེའི་རྣམ་འགྱུར་བསྟན་ཚེ་ཚུར་དྲིན་ཚོར་གྱི་རྣམ་འགྱུར་སྟོན་གྱི་ཡོད། ཕར་བཅོས་མ་མིན་པའི་བྱམས་བརྩེའི་རྣམ་འགྱུར་བསྟན་པས་ཚུར་རྨུག་པར་བྱེད་མཁན་གྱི་ཁྱི་ཞིག་ཕལ་ཆེར་མེད།

JIGME TSERING (@jigmetsering) 's Twitter Profile Photo

སྒོ་ལྔའི་ཤེས་པ་དུད་འགྲོ་རྣམས་མི་ལས་ཀྱང་ནུས་པ་ཆེ་བ་ཡོད། gyalwarinpoche.com/content/717

JIGME TSERING (@jigmetsering) 's Twitter Profile Photo

ཐར་པ་ཞེས་པ་ཕྱི་རོལ་ཏུ་ཡོད་པའི་ཞིང་ཁམས་ལྟ་བུ་ཞིག་ཏུ་ངོས་འཛིན་མི་བྱེད། gyalwarinpoche.com/content/721

JIGME TSERING (@jigmetsering) 's Twitter Profile Photo

༸གོང་ས་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་སྩལ་བཞིན་པ།gyalwarinpoche.com/node/356

JIGME TSERING (@jigmetsering) 's Twitter Profile Photo

༢༠༡༧ལོའི་བོད་རིགས་གཞོན་སྐྱེས་ལ་གསུང་ཆོས་ཉིན་དང་པོ།gyalwarinpoche.com/node/363

JIGME TSERING (@jigmetsering) 's Twitter Profile Photo

བོད་རིགས་གཞོན་སྐྱེས་ལ་གསུང་ཆོས་གནང་སྒོ་མཇུག་གྲུབ་gyalwarinpoche.com/node/365

JIGME TSERING (@jigmetsering) 's Twitter Profile Photo

དེ་རིང་གཏན་ཉིན་སློབ་གྲྭ་ཁག་ལ་དགེ་རྒན་ཚོར་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྤེལ་ཐབས་བཀའ་སློབ་སྩལ་རྒྱུ་རེད། ཐད་གཏོང་ལ་གཟིགསlivestream.com/DalaiLamaTibet…

JIGME TSERING (@jigmetsering) 's Twitter Profile Photo

དེ་རིང་སན་དྷི་གྷོ་ཡི་སྔ་དྲོ་ཆུ་ཚོད་10-11།30བརEmbracing the Beauty of Diversity in our Worldཞེས་པའི་ཐོག་བཀའ་སློབ་འདི་facebook.com/DalaiLama.

JIGME TSERING (@jigmetsering) 's Twitter Profile Photo

རྒྱལ་བ་རིན་པོ་ཆེའི་འཕྲུལ་སྒྲའི་ཤོག་ངོས་ལ་ཕེབས་པར་དགའ་བསུ་ཞུ།x.com/gyalwaringpoche

རྒྱལ་བ་རིན་པོ་ཆེ། (@gyalwaringpoche) 's Twitter Profile Photo

ཉིན་རེའི་སྤྱོད་ལམ་གྱི་ནང་དུ་བཟང་པོའི་སྤྱོད་པ་གང་ཡང་མེད་ཅིང་སེམས་རྒྱུད་མ་རུང་བའི་ངང་དུ་མི་ཚེ་སྐྱེལ་ན། ནང་པར་ཁས་འཆེ་སྟེ་ཁ་ནས་སྐྱབས་འགྲོ་འདྲ་བཏོན་ནའང་ཚིག་སྐམ་ཙམ་ལས་ཆོས་པ་ཚད་ལྡན་ཞིག་མིན་ལ། ཆོས་རྒྱ་ཆེན་པོ་ཤེས་མཁན་དང་མི་ཤེས་མཁན་གང་ཡིན་རུང་གང་ཤེས་པ་དེ་ལག་ལེན་དུ་འགེལ་རྒྱུ་གལ་ཆེ།

Dalai Lama (@dalailama) 's Twitter Profile Photo

There are always problems to face, but it makes a difference if our minds are calm. On the surface we may get upset, but it makes a difference if we are able to stay calm in the depths of our minds.

JIGME TSERING (@jigmetsering) 's Twitter Profile Photo

བོད་ཡིག་དང་ཧྥ་ཡིག་གཉིས་ལྡན་གྱི་ཚགས་པར་བོད་ཀྱི་ཡིག་ཟམ་བཀླགས་རྒྱུ་བྱུང་།

བོད་ཡིག་དང་ཧྥ་ཡིག་གཉིས་ལྡན་གྱི་ཚགས་པར་བོད་ཀྱི་ཡིག་ཟམ་བཀླགས་རྒྱུ་བྱུང་།